Wednesday, March 31, 2010

Himalaya Bote News monthly

༄༅།། རྒྱལ་ཡོངས་མི་མང་སྤྱི་མཐུན་སྲིད་གཞུང་དང་འབྲེལ་ནེ་པ་ལ་བྱང་ཕྱོགས་ཐ་མཚམས་ས་ཁུལ་གངས་ཅན་ནང་པ་བོདརིགས་ཡངོས་ཀྱི་རང་སྐད་མ་བོད་སྐད་དུ་གོར་ཁ་སྤྲ་རེ་ཞེས་པི་ནེ་པལ་གཞུང་བྲེལ་ཉིན་རེའི་གསར་ཤོག་ནང་དཔར་སྒྲུན་འགྲེམ་སྤེལ་དང་ཁྱབ་སྒྲགས་བྱེད་པའི་གསལ་གྲགས། འགོར་ཁ་པཊ་ལྷན་ཁང་ནས་ནེ་པལ་རྒྱལ་ཁབ་ནང་ཡོད་པའི་སྐད་ཡིག་ཚང་མར་སྤི་མཚུང་ཀྱི་སྒོ་ནས་དགོངས་ཕེལ་དང་གྲེམ་སྤེལ་བྱ་ཚོགས་པའི་ལས་གུལ་བཟང་པོ་ཕྱག་སྟར་གནང་བཞིན་ཡོད་པའི་ཁོངས་ནེ་པལ་བྱང་ཕྱོགས་ཐ་མཚམས་ས་ཁུལ་གངས་ཅན་ནང་པ་བོ་རིགས་ཡོངས་ཀྱི་རང་སྐད་བོད་སྐད་ཐོགས་ཟླ་རེ་རེའི་གསར་རྒྱུར་དོན་སྤེལ་བྱ་རྒྱུའི་གོ་སྐབས་བྱུང་བ་ནི་གངས་ཅན་བོད་རིགས་ཡོངས་ལ་ལོ་རྒྱུ་ནང་སྟར་བྱུ་མཉུང་བའི་གནས་ཚུལ་བཟང་པོ་ཞིག་རེད། གོར་ཁ་པཊ་ལྷན་ཁང་དུ་ཡང་སྐད་ཡིག་གསར་པ་ཤོག་འདི་ཉིད་ཀྱང་དོན་དངོས་ཐོག་རྒྱལ་ཡོངས་མི་མང་གི་གསར་ཤོག་ཞིག་དུ་གྱུར་པར་རེད་། སྐད་ཡིག་འདི་ནི་པ་ལ་བྱང་ཕྱོགས་ཤར་ནུབ་མཚམས་ས་ཁུལ་གངས་ཅན་ཧི་མ་ལའི་མི་རིགས་ཡོངས་ཀྱི་སྐད་མ་སྐད་ཡིན་ལ། སྐད་ཡིག་འདི་ཉིད་སྲུང་སྐྱོབ་བྱ་རྒྱུ་ནི་ནེ་པལ་བྱང་ཕྱོགས་ཐ་མཚམས་ས་ཁུལ་གངས་ཅན་ནང་པ་བོད་རིགས་ཡོངས་ལ་ལས་དབང་གིས་འཁྲི་བའི་ལས་འགན་ཡིན་། གསར་ཤོག་ནང་འགོད་རྒྱུ་ནི་ང་ཚོའི་ལས་རིམས་ཐེངས་དང་པོ་ཡིན་པ་མ་ཟད་ཁྱེད་ཕན་དང་སྒོ་སྐབས་བཟང་པོ་ཞིག་ཡིན་། ལས་འགུལ་འདི་དག་མི་གཅིག་གཉིས་ཀྱི་བསམས་ཤུགས་དང་འབད་བརྩོན་ཀྱི་འབྲས་བུ་མ་ཡིན་ཀྱང་འདིའི་དམིགས་ཡུལ་ནི་རྒྱ་ཆེའི་གངས་ཅན་མི་རིགས་ཡོངས་ཀྱི་ཁེ་ཕན་སྒྲུབ་པའི་ལས་འགུལ་སླ་ན་མ་མཆི་བ་ཞིག་རེད་། ང་ཚོའི་སྐད་བོད་སྐད་ཡིན་ཟེར་དུས་ཆོས་སྲིད་གཉིས་ཀའི་ཐད་ནས་ནང་དོན་ཕུན་སུམ་ཚོགས་པའི་སྐད་ཡིག་ཞིག་ཡིན་དུས་ང་ཚོ་སྤོབས་པ་སྐྱེད་དགོས། ང་ཚོའི་ལས་འགུལ་འདི་ཐེངས་མང་པོ་མ་ཡིན་དུས་ནོར་འཁྲུལ་ཡོད་མི་ཉུང་བ་ཞིག་ཡོད་དེས་པས་གོང་དག་ཞུ་རྒྱད་དང་མ་འོངས་པ་ལེགས་བརྕོས་མཁས་དབང་རྣམས་ནས་ཀྱང་སློ་སྟོན་གང་ཟབ་ཡོད་པར་ཁྱེན་ཁྱེན་། ང་ཚོའི་ལས་འགུལ་འདི་དག་གི་དམིགས་ཡུལ་ཡར་རྒྱས་དང་དགོང་འཕེལ་གྱི་དོན་དུ་གངས་ཅན་མི་རིགས་ཡོངས་ཀྱི་ཆོས་སྲིད་དང་རིགས་གཞུང་སྲུང་སྐྱོབ་དང་ཐོབ་ཐང་ལསོགས་པ་འདྲ་མིན་སྣ་ཚོགས་དང་གསར་འགྱུར་ལོ་རྒྱུས་ཀྱི་རྩོམ་བྲིས་དང་ གྲུང། གླུ་གཞས། དང་གཏམ་དཔེ་ལ་སོགས་ངེས་པར་དུ་ཟླ་རེ་རེའི་རོང་ཚེས་ ༡༡་དང་༢༥ ནང་ཅིས་ཀྱང་གཤམ་གསལ་ཁ་ཅང་ཐོག་འབྲེལ་བ་གནང་སྐྱོང་ཡོད་པར་ཞུ།


༄༅།།ཧི་མ་ལ་ཡའི་མི་རིགས་སྤུན་ཟླ་རྣམས་མཉམ་འབྲེལ་གོང་བུ་གཅིག་བསྒྲིལ་དགོས་པའི་འབོད་སྒྲ།



ང་ཚོ་ཧི་མ་ལ་ཡའི་གྲངས་ཉུང་མི་རིགས་ཚོ་མཉམ་འབྲེལ་གོང་བུ་གཅིག་ཏུ་བསྒྲིལ་ནས་རང་གི་མི་རིགས་དང་ཡུལ་སྲོལ། སྐད་ཡིག་གོམས་ཤིས། མཐུན་མིན་གྱི་ཕ་ཆོས་སོགས་ལ་རང་དབང་གུ་ཡངས་ཀྱིས་ལོངས་སུ་སྤྱོད་རྒྱུའི་ཆེད་དབུས་གཞུང་དང་རྩ་ཁྲིམས་གསར་པ་སྒྲིག་མཁན་འཐུས་ཚོགས་ལ་འབོད་བསྐུལ་ཡང་ཡང་བྱེད་དགོས། ད་ལྟ་ང་ཚོས་རྩོད་བཞིན་པའི་ཧི་མ་ལ་ཡའི་མི་རིགས་མཉམ་འབྲེལ་རང་སྐྱོང་དེ་འདྲ་ཞིག་དབུ་བརྙེས་པ་ཡིན་ན་དེས་རང་རེའི་དོན་དག་ལ་ཡང་འཛམ་གླིང་མི་དམངས་ཚོར་གོ་བརྡ་གསར་པ་ཞིག་སྤྲོད་ཐུབ་རྒྱུ་ཡིན་པ་གདོན་མི་ཟ། ཡིན་ན་ཡང་ང་ཚོས་སེམས་གཏིང་དུ་འཆར་གཞི་ལྡན་པའི་སྒོ་ནས་མ་འོངས་ཧི་མ་ལ་ཡའི་བསམ་བློའི་སོན་རྩ་རེ་རེ་གཏིང་ཟབ་པོའི་སྒོ་ནས་བཙུགས་དགོས། སྔར་གྱི་བལ་གཞུང་རྙིང་པ་དང་ད་དུང་མི་རིགས་དབྱེ་འབྱེད་དང་། ཡུལ་ལུང་དབྱེ་འབྱེད་ཀྱི་རྐྱེན་ལས་ད་ལྟའི་བར་ང་ཚོ་གྲངས་ཉུང་མི་རིགས་ལ་ནམ་ཡང་རང་དབང་གི་གོ་སྐལ་བཟང་པོ་ཞིག་སྤྲད་མྱོིང་མེད་ལ་ཕལ་ཆེར་མི་སྲིད་པ་ཞིག་རེད་ཅེས་བཤད་ནའང་འགྲིག དེ་བཞིན་ད་ལྟའང་དེ་འདྲའི་ཤུགས་རྐྱེན་ཕོག་མཁན་མང་པོ་ཞིག་ནས་ང་ཚོ་གྲངས་ཉུང་མི་རིགས་ཚངས་མ་ནུས་སྟོབས་གཅིག་སྒྲིལ་གྱིས་རང་སྲིད་རང་སྐྱོང་ལྟ་བུའི་ཆབ་སྲིད་ཀྱི་དགོས་འདུན་འདོན་ཡོང་གི་རེད་བསམས་ནས་མཁྲེགས་འཛིན་པ་ཚོའི་སྙིང་ལ་ཕྲག་དོག་གི་མེ་ལྕེ་སྦར་ནས་མེ་སྟག་ཆུང་ས་ནས་གསོད་རྩིས་བྱེད་པ་ལྟ་བུ་སླར་ཡང་གཉའ་གནོན་གྱི་ལས་རྩོམ་བཞིན་པ་རེད། དེའི་ཕྱིར་བརྗོད་བཞིན་པའི་འབོད་སྒྲ་འདི་ནི་མགོ་བདེ་དྲན་འཕྲུལ་གྱི་བསླུ་འབྲིད་དང་། ཆབ་སྲིད་ཤོག་ཁག་རྐྱང་པའི་གནད་དོན་ཞིག་རྩ་བ་ནས་མ་ཡིན་པར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲངས་ཉུང་མི་རིགས་མང་པོའི་སྙིང་ནད་དང་། ཡུན་རིང་ཕྱོགས་ཞེན་དང་གཉའ་མནོན་གྱི་འོག་ནས་སྡུག་བསྔལ་མྱོང་བའི་དཀའ་ངལ་གྱི་ཆུ་ཐིག་དོག་པོ་རེ་རེ་དང་ཡོངས་སུ་འདྲེས་ཡོད་པ་ཞིག་རེད། འོན་ཀྱང་ང་ཚོས་རང་ངོས་ཀྱིས་སྔ་ས་ནས་ངེས་པར་དུ་ཟབ་དགོས་པ་ཡང་མང་པོ་ཞིག་ཡོད་པས། དེ་དག་ལ་ལྷོད་ཡེངས་སུ་གཏང་མི་ཉན། དེ་ཡང་ང་ཚོ་ནང་ཁུལ་གྱི་ཆོས་ཞེན་དང་ཡུལ་ལུང་གི་ཞེན་ཁོན་མེད་པར་གངས་ལྗོངས་ཧི་མ་ལ་ཡའི་རི་སུལ་དུ་གནས་ཤིང་། ཕ་མེས་ཀྱི་ཆོས་ལུགས་གཡུང་དྲུང་བོན་དང་གསང་སྔགས་རྙིང་མ། རྒྱལ་བ་བཀའ་རྒྱུད་དང་དཔལ་ལྡན་ས་སྐྱ་པ། རི་བོ་དགེ་ལྡན་པ་སོགས་ཆོས་རྒྱུད་ཀྱི་རྗེས་སུ་འཛིན་ཞིང་། འཚེ་མེད་ཞི་བར་མོས་ཤིང་གདུང་ལ། གངས་རིའི་ཕ་སྐད་སྨྲ་མཁན་ཡིན་ནོ་ཅོག་ཐོ་དམན་མང་ཉུང་སོགས་གང་གིས་ཁྱད་པར་མ་ཕྱེས་པར་དྲང་ཚུགས་ལྡན་པའི་འཐབ་རྩོད་དམ་མི་རིགས་ཀྱི་འབོད་སྒྲ་ཞིག་སྒྲོག་བཞིན་ཡོད་པ་འདི་ཁ་ཡིས་བཤད་པ་དང་ལག་ལེན་གཉིས་ངེས་པར་དུ་གཅིག་མཚུངས་ཡོང་ཐུབ་པ་ཞིག་བྱེད་དགོས། དེ་ལ་ང་ཚོའི་མི་རིགས་དང་སྐད་ཡིག་གཅིག་པའི་སྤུན་ཟླ་རྣམས་ས་ཕྱོགས་གང་ན་ཡོད་ཀྱང་ང་ཚོའི་མི་རིགས་ཀྱི་གནས་སྟངས་གང་ཡིན་དང་མི་རིགས་དང་སྐད་ཡིག་ལ་དགོས་འདུན་གང་ཡོད་པ་དེ་ཤེས་རྒྱུ་གལ་ཤིན་ཏུ་ཆེ། དེ་ལ་སྔོན་འགྲོའི་ཆ་རྐྱེན་ནི་ང་ཚོས་རང་གི་བུ་ཕྲུ་ཚོའི་ཀླད་པའམ་སེམས་པའི་ནང་དུ་རིན་ཐང་ལྡན་པའི་རང་རེའི་སྐད་ཡིག་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་བཟང་པོའི་ཁྱད་ནོར་རྣམས་ཀྱི་རྫས་རྒྱུན་མུ་ནས་མུ་རུ་བླུགས་ཏེ། མི་རིགས་ཉམ་ཆུང་གི་འཚོ་བ་འདི་མྱུར་དུ་གཉའ་གནོན་འོག་ནས་བཅིངས་འགྲོལ་འཐོབ་རྒྱུའི་ལམ་ཁ་ཞིག་སྟོན་ཐབས་བྱེད་དགོས་ལ། ནམ་ཞིག་ང་ཚོ་ཧི་མ་ལ་ཡའི་མ་འོངས་བུ་ཕྲུ་དག་གིས་ཀྱང་རང་རང་གི་ཕྲག་ཏུ་བབས་པའི་རང་དབང་འཐབ་རྩོད་བྱེད་ཐུབ། རིགས་གཞན་དང་ཆོས་གཞན་གྱི་བཙན་རྒྱལ་རིང་ལུགས་པའི་འོག་ནས་གྱེན་ལངས་བྱས་ཏེ་ཧི་མ་ལ་ཡའི་རི་རྒྱུད་དུ་མཉམ་འབྲེལ་གྱི་ཞིང་ཆེན་ཞིག་འཛུགས་ཆོག་ལ། དེའི་ཁོངས་སུ་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ། གོམས་གཤིས་སོགས་གཅིག་པའི་ཧི་མ་ལ་ཡའི་མི་རིགས་སྤུན་ཟླ་རྣམས་ལ་ཐོབ་དགོས་པའི་དམིགས་རྒྱང་རིང་བའི་རེ་བ་ཡང་དེ་ཡིན། དེ་བཞིན་རྒྱལ་ཡོངས་བརྙན་འཕྲིན་དང་རླུང་འཕྲིན་གྱི་ནང་དུ་ཧི་མ་ཡའི་འབོད་སྒྲ་གང་ཡོད་སྒྲོག་ཐབས་བྱེད་ཐུབ་ན་རྒྱལ་ཡོངས་མི་དམངས་ཀྱིས་ལྟ་ཉན་བྱེད་ཐུབ་རང་ཅག་ཧི་མ་ལ་ཡའི་མཉམ་འབྲེལ་གྱིས་རང་གི་ཡུལ་སྲོལ་གཤིས་གོམས་དང་། སྐད་ཡིག་དང་ཆོས་རིག་སོགས་རང་དབང་ལྡན་པའི་བདག་སྐྱོང་ཐུབ་པ་ཡིན་ན་འདི་ནི་བལ་ཡུལ་རྒྱལ་ཁབ་ནང་གི་གནད་འགག་ཅན་གྱི་ཁོར་ཡུག་གལ་ཆེ་ཤོས་ཞིག་དང་འཛམ་གླིང་ཡུལ་སྐོར་བའི་སེམས་པ་ཤོར་སའི་གནས་མཆོག་མཛེས་ཤོས་ཤིག་ཏུ་གྱུར་ཚར་ཡོད་པ་རེད། ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས་ཕུལ།


༄༅།།།ནེ་པཱ་ལ་ཧཱི་མཱ་ལི་བོད་རིགས་གངས་ཅན་ལོངས་སུ་སྤྱོད་རྒྱུའི་ཆེད་དབུས་གཞུང་
དང་རྩ་ཁྲིམས་གསར་པ་སྒྲིག་མཁན་འཐུས་ཚོགས་ལ་འབོད་བསྐུལ་ཡང་ཡང་བྱེད་དགོས།



ང་ཚོ་ཧི་མ་ལ་ཡའི་གྲངས་ཉུང་མི་རིགས་ཚོ་མཉམ་འབྲེལ་གོང་བུ་གཅིག་ཏུ་བསྒྲིལ་ནས་རང་གི་མི་རིགས་དང་ཡུལ་སྲོལ། སྐད་ཡིག་གོམས་ཤིས། མཐུན་མིན་གྱི་ཕ་ཆོས་སོགས་ལ་རང་དབང་གུ་ཡངས་ཀྱིས་ལོངས་སུ་སྤྱོད་རྒྱུའི་ཆེད་དབུས་གཞུང་དང་རྩ་ཁྲིམས་གསར་པ་སྒྲིག་མཁན་འཐུས་ཚོགས་ལ་འབོད་བསྐུལ་ཡང་ཡང་བྱེད་དགོས། ད་ལྟ་ང་ཚོས་རྩོད་བཞིན་པའི་ཧི་མ་ལ་ཡའི་མི་རིགས་མཉམ་འབྲེལ་རང་སྐྱོང་དེ་འདྲ་ཞིག་དབུ་བརྙེས་པ་ཡིན་ན་དེས་རང་རེའི་དོན་དག་ལ་ཡང་འཛམ་གླིང་མི་དམངས་ཚོར་གོ་བརྡ་གསར་པ་ཞིག་སྤྲོད་ཐུབ་རྒྱུ་ཡིན་པ་གདོན་མི་ཟ། ཡིན་ན་ཡང་ང་ཚོས་སེམས་གཏིང་དུ་འཆར་གཞི་ལྡན་པའི་སྒོ་ནས་མ་འོངས་
ཧི་མ་ལ་ཡའི་བསམ་བློའི་སོན་རྩ་རེ་རེ་གཏིང་ཟབ་པོའི་སྒོ་ནས་བཙུགས་དགོས། སྔར་གྱི་བལ་གཞུང་རྙིང་པ་དང་ད་དུང་མི་རིགས་དབྱེ་འབྱེད་དང། ཡུལ་ལུང་དབྱེ་འབྱེད་ཀྱི་རྐྱེན་ལས་ད་ལྟའི་བར་ང་ཚོ་གྲངས་ཉུང་མི་རིགས་ལ་ནམ་ཡང་རང་དབང་གི་གོ་སྐལ་བཟང་པོ་ཞིག་སྤྲད་མྱོིང་མེད་ལ་ཕལ་ཆེར་མི་སྲིད་པ་ཞིག་རེད་ཅེས་བཤད་ནའང་འགྲིག་དེ་བཞིན་ད་ལྟའང་དེ་འདྲའི་ཤུགས་རྐྱེན་ཕོག་མཁན་མང་པོ་ཞིག་ནས་ང་ཚོ་གྲངས་ཉུང་མི་རིགས་ཚངས་མ་ནུས་སྟོབས་གཅིག་སྒྲིལ་གྱིས་རང་སྲིད་རང་སྐྱོང་ལྟ་བུའི་ཆབ་སྲིད་ཀྱི་དགོས་འདུན་འདོན་ཡོང་གི་རེད་བསམས་ནས་མཁྲེགས་འཛིན་པ་ཚོའི་སྙིང་ལ་ཕྲག་དོག་གི་མེ་ལྕེ་སྦར་ནས་མེ་སྟག་ཆུང་ས་ནས་གསོད་རྩིས་བྱེད་པ་ལྟ་བུ་སླར་ཡང་གཉའ་གནོན་གྱི་ལས་རྩོམ་བཞིན་པ་རེད། དེའི་ཕྱིར་བརྗོད་བཞིན་པའི་འབོད་སྒྲ་འདི་ནི་མགོ་བདེ་དྲན་འཕྲུལ་གྱི་བསླུ་འབྲིད་དང་།ཆབ་སྲིད་ཤོག་ཁག་རྐྱང་པའི་གནད་དོན་ཞིག་རྩ་བ་ནས་མ་ཡིན་པར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲངས་ཉུང་མི་རིགས་མང་པོའི་སྙིང་ནད་དང་། ཡུན་རིང་ཕྱོགས་ཞེན་དང་གཉའ་མནོན་གྱི་འོག་ནས་སྡུག་བསྔལ་མྱོང་
བའི་དཀའ་ངལ་གྱི་ཆུ་ཐིག་དོག་པོ་རེ་རེ་དང་ཡོངས་སུ་འདྲེས་ཡོད་པ་ཞིག་རེད། འོན་ཀྱང་ང་ཚོས་རང་ངོས་ཀྱིས་སྔ་ས་ནས་ངེས་པར་དུ་ཟབ་དགོས་པ་ཡང་མང་པོ་ཞིག་ཡོད་པས། དེ་དག་ལ་ལྷོད་ཡེངས་སུ་གཏང་མི་ཉན། དེ་ཡང་ང་ཚོ་ནང་ཁུལ་གྱི་ཆོས་ཞེན་དང་ཡུལ་ལུང་གི་ཞེན་ཁོན་མེད་པར་གངས་ལྗོངས་ཧི་མ་ལ་ཡའི་རི་སུལ་དུ་གནས་ཤིང་། ཕ་མེས་ཀྱི་ཆོས་ལུགས་གཡུང་དྲུང་བོན་དང་གསང་སྔགས་རྙིང་མ། རྒྱལ་བ་བཀའ་རྒྱུད་དང་དཔལ་ལྡན་ས་སྐྱ་པ། རི་བོ་དགེ་ལྡན་པ་སོགས་ཆོས་རྒྱུད་ཀྱི་རྗེས་སུ་འཛིན་ཞིང་། འཚེ་མེད་ཞི་བར་མོས་ཤིང་གདུང་ལ། གངས་རིའི་ཕ་སྐད་སྨྲ་མཁན་ཡིན་ནོ་ཅོག་ཐོ་དམན་མང་ཉུང་སོགས་གང་གིས་ཁྱད་པར་མ་ཕྱེས་པར་དྲང་ཚུགས་ལྡན་པའི་འཐབ་རྩོད་དམ་མི་རིགས་ཀྱི་འབོད་སྒྲ་ཞིག་སྒྲོག་བཞིན་ཡོད་པ་འདི་ཁ་ཡིས་བཤད་པ་དང་ལག་ལེན་གཉིས་ངེས་པར་དུ་གཅིག་མཚུངས་ཡོང་ཐུབ་པ་ཞིག་བྱེད་དགོས། དེ་ལ་ང་ཚོའི་མི་རིགས་དང་སྐད་ཡིག་གཅིག་པའི་སྤུན་ཟླ་རྣམས་ས་ཕྱོགས་གང་ན་ཡོད་ཀྱང་ང་ཚོའི་མི་རིགས་ཀྱི་གནས་སྟངས་གང་ཡིན་དང་མི་རིགས་དང་སྐད་ཡིག་ལ་དགོས་འདུན་གང་ཡོད་པ་དེ་ཤེས་རྒྱུ་གལ་ཤིན་ཏུ་ཆེ། དེ་ལ་སྔོན་འགྲོའི་ཆ་རྐྱེན་ནི་ང་ཚོས་རང་གི་བུ་ཕྲུ་ཚོའི་ཀླད་པའམ་སེམས་པའི་ནང་དུ་རིན་ཐང་ལྡན་པའི་རང་རེའི་སྐད་ཡིག་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་བཟང་པོའི་ཁྱད་ནོར་རྣམས་ཀྱི་རྫས་རྒྱུན་མུ་ནས་མུ་རུ་བླུགས་ཏེ།མི་རིགས་ཉམ་ཆུང་གི་འཚོ་བ་འདི་མྱུར་དུ་གཉའ་གནོན་འོག་ནས་བཅིངས་འགྲོལ་འཐོབ་རྒྱུའི་ལམ་ཁ་ཞིག་སྟོན་ཐབས་བྱེད་དགོས་ལ། ནམ་ཞིག་ང་ཚོ་ཧི་མ་ལ་ཡའི་མ་འོངས་བུ་ཕྲུ་དག་གིས་ཀྱང་རང་རང་གི་ཕྲག་ཏུ་བབས་པའི་རང་དབང་འཐབ་རྩོད་བྱེད་ཐུབ། རིགས་གཞན་དང་ཆོས་གཞན་གྱི་བཙན་རྒྱལ་རིང་ལུགས་པའི་འོག་ནས་གྱེན་ལངས་བྱས་ཏེ་ཧི་མ་ལ་ཡའི་རི་རྒྱུད་དུ་མཉམ་འབྲེལ་གྱི་ཞིང་ཆེན་ཞིག་འཛུགས་ཆོག་ལ། དེའི་ཁོངས་སུ་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ།གོམས་གཤིས་སོགས་གཅིག་པའི་ཧི་མ་ལ་ཡའི་
མི་རིགས་སྤུན་ཟླ་རྣམས་ལ་ཐོབ་དགོས་པའི་དམིགས་རྒྱང་རིང་བའི་རེ་བ་ཡང་དེ་ཡིན། དེ་བཞིན་རྒྱལ་ཡོངས་བརྙན་འཕྲིན་དང་རླུང་འཕྲིན་གྱི་ནང་དུ་ཧི་མ་ཡའི་འབོད་སྒྲ་གང་ཡོད་སྒྲོག་ཐབས་བྱེད་ཐུབ་ན་རྒྱལ་ཡོངས་མི་དམངས་ཀྱིས་ལྟ་ཉན་བྱེད་ཐུབ་རང་ཅག་ཧི་མ་ལ་ཡའི་མཉམ་འབྲེལ་གྱིས་རང་གི་ཡུལ་སྲོལ་གཤིས་གོམས་ད་། སྐད་ཡིག་དང་ཆོས་རིག་སོགས་རང་དབང་ལྡན་པའི་བདག་སྐྱོང་ཐུབ་པ་ཡིན་ན་འདི་ནི་བལ་ཡུལ་རྒྱལ་ཁབ་ནང་གི་གནད་འགག་ཅན་གྱི་ཁོར་ཡུག་གལ་ཆེ་ཤོས་ཞིག་དང་འཛམ་གླིང་ཡུལ་སྐོར་བའི་སེམས་པ་ཤོར་སའི་གནས་མཆོག་མཛེས་ཤོས་ཤིག་ཏུ་གྱུར་ཚར་ཡོད་པ་རེད། ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས་ཕུལ།
By Tsering  yungdrun lama
 Himalaya Bote  News reporter
tse_yung2000@yahoo.com

No comments:

Post a Comment